༢༠༢༢ལོའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བོད་དོན་ཞུ་གཏུག་ཉིན་མོའི་སྙིང་དོན།

ལོ་འདིར་ང་ཚོའི་ཨ་རི་གྲོས་ཚོགས་ནང་ལ་བོད་དོན་སྐོར་ཞུ་གཏུག་གི་ལས་དོན་སྤེལ་སྐབས། བློ་རྩེ་གཅིག་ཏུ་སྒྲིམ་ནས་དོན་དག་ཉག་གཅིག་འགྲུབས་ཆེད་འབོད་སྐུལ་ཞུ་རྒྱུ་ནི། གྲོས་ཚོགས་འོག་མའི་འཐུས་མི་རྣམ་པ་ལ། མང་གཙོ་ཚོགས་པའི་ཚོགས་མི་ཡིན་པའི་འཐུས་མི་ལྗིམ་མགགྷོབེརན་མཆོག་དང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་པའི་འཐུས་མི་མིཁེལ་མགཁཨེལ་མཆོག་རྣམ་པ་གཉིས་མཉམ་རུབ་ཀྱིས་བཏོན་གནང་བའི་བོད་རྒྱ་དཀའ་རྙོག་སེལ་བར་སྐུལ་སྤེལ་གཏོང་བའི་ཁྲིམས་འཆར་ (H.R. 8365) ལ་ངེས་པར་དུ་རམ་འདེགས་དང་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུ་དགོས་པར་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་རྣམ་པ་ལ། ཡང་དེ་བཞིན་ཁྲིམས་འཆར་དེ་ལ་ངེས་པར་དུ་རམ་འདེགས་དང་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུ་དགོས།

ཁྲིམས་འཆར་དེའི་ཕན་ནུས།

བོད་རྒྱ་དཀའ་རྙོག་སེལ་བར་སྐུལ་སྤེལ་གཏོང་བའི་ཁྲིམས་འཆར་(H.R. 8365) ཡི་ནང་དོན་ལྟར་ན།

  •  བོད་དང་རྒྱ་ནག་དབར་གྱི་དཀའ་རྙོག་དེ་ད་ལྟའི་ཆ་ལ་སེལ་མེད་པ་དང་བོད་ཀྱི་གནས་བབས་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གཏན་འཁེལ་བྱས་མེད་པ་དེ་ཨ་མི་རི་ཀ་གཞུང་གི་སྲིད་བྱུས་སུ་བཟོ་རྒྱུ།
  •  བོད་མི་རིགས་ལ་རང་ཐག་རང་གཅོད་གི་ཐོབ་ཐང་ཡོད་པ་དང་རྒྱ་ནག་གི་སྲིད་ཇུས་ཀྱིས་ཐོབ་ཐང་དེ་ལོངས་སུ་སྤྱོད་འཇུག་གི་མེད་པར་ཨ་རིས་ངོས་ལེན་གནང་རྒྱུ།
  •  རྒྱ་ནག་གིས་ཀུན་གྱི་རེ་བ་ལྟར་༧གོང་ས་༧རྒྱལ་བ་རིན་པོ་མཆོག་གམ་ཁོང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་མ་བྱས་པར་སྐྱོན་བརྗོད་ཤུགས་ཆེན་གནང་རྒྱུ།
  •  རྒྱ་ནག་གཞུང་གིས་བོད་ནི་གནའ་དུས་ནས་བཟུང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་སྐད་ཆ་ནི་ལོ་རྒྱུས་ལ་འཁྱོག་བཤད་ཡིན་པས་དེ་ལ་ངོས་ལེན་མི་གནང་རྒྱུ།
  •  རྒྱ་ནག་དམར་ཤོག་ཚོགས་པས་༧གོང་ས་༧རྒྱལ་བ་རིན་པོ་མཆོག་དང་། བོད་ཀྱི་ལོ་རྒྱུས། བོད་མི་རིགས། བོད་མིའི་སྒྲིག་འཛུག་བཅས་ཀྱི་སྐོར་ལ་འཁྱོག་བཤད་དང་རྫུན་གཏམ་སྤེལ་བ་དག་ལ། རྒོལ་ལེན་ནན་པོ་སྤྲོད་པའི་དབང་ཆ་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་ཁུངས་ལ་སྤྲོད་གནང་རྒྱུ།
  •  བོད་ནི་ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཞེས་པའི་ཞིང་ཆེན་རིམ་པའི་ས་ཁུལ་དེ་གཅིག་པུ་མ་ཡིན་པ། ཀན་སུ་དང་། མཚོ་སྔོན། ཟི་ཁྲོན། ཡུན་ནན་བཅས་ཞིང་ཆེན་ཁག་གི་ནང་དུ་ཟླ་སྒྲིལ་བཏང་བའི་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པར་ཆ་ཚང་ནང་དུ་ཚུད་ཡོད་པ་དེ་ཁ་གསལ་པོ་བཟོ་གནང་རྒྱུ།།

བརྗོད་གཞི་གཞན་དག

གྲོས་མོལ།
• ཨ་མ་རི་ཀས་བོད་རྒྱའི་དབར་གྱི་གྲོས་མོལ་ལ་རྒྱབ་སྐྱོར་གནང་བའི་རྒྱུ་མཚན་ནི། གྲོས་མོལ་ནི་བོད་རྒྱའི་དཀའ་རྙོག་དེ་ཞི་བའི་ཐོག་ནས་བདེན་མཐའ་གསལ་བའི་ལམ་དེ་ཡིན་པའི་རྐྱེན་རེད།
• བོད་རྒྱའི་དབར་དཀའ་མོལ་མཐའ་མ་དེ་གནང་ནས་ལོ་བཅུ་ལྷག་འདས་ཟིན་པ་རེད། གྲོས་འཆར་ H.R. 8365 ཡིས་བོད་རྒྱའི་དཀའ་རྙོག་དེ་སེལ་མ་ཐུབ་ནས་ལུས་པ་དང་གྲོས་མོལ་ནི་དེ་སེལ་བར་གོམ་པ་མདུན་སྤོ་བྱེད་སའི་ལམ་བུ་ཁོ་ན་ཡིན་པའི་སྲིད་ཇུས་གསལ་བོ་བསྟན་ཡོད་པ་རེད།
ཁྲིམས་ལ་མི་མཐུན་པ། རྒྱ་ནག་དམར་ཤོག་ཚོགས་པས་བོད་ལ་དབང་བསྒྱུར་བ་དེ། ཁྲིམས་ཐོག་ནས་ལོ་རྒྱུས་ཀྱི་གཞི་རྩ་མེད་པ། ཁྲིམས་ཐོག་ནས་ཕྱི་འབྲེལ་གྱི་གཞི་རྩ་མེད་པ། ཁྲིམས་ཐོག་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩ་མེད་པའོ།
• ལོ་རྒྱུས་ཐོག་ནས། འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་། བོད་མི་རིགས་ཀྱིས་ཐུན་མོང་མ་ཡིན་པའི་སྐད་དང་རིག་གཞུང་། ཆོས་ལུགས། རྒྱལ་ཁབ་བཅས་པ་རང་ས་རང་བདག་བྱས་ཏེ་གནས་པ་ལས། རྒྱ་ནག་གི་ཆ་ཤས་གཏན་ནས་འགྱུར་མྱོང་མེད།
• ཕྱི་འབྲེལ་གྱི་ཐོག་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱིས་དྲག་པོ་དམག་གི་འཁོར་ལོ་བསྐོར་ནས་བོད་ས་བཙན་བཟུང་དང་བོད་མི་ལ་བཙན་དབང་བྱེད་བཞིན་པ། རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་དྲག་པོ་དཔུང་གིས་མངའ་ཁུངས་རྒྱ་སྐྱེད་བྱས་ན་ཁྲིམས་འགལ་ཡིན་པ་གསལ་པོ་བཀོད་ཡོད། དགོངས་དོན་དེ་ཨ་རི་ཡིས་སྔ་མོ་ནས་ངོས་ལེན་གནང་གི་ཡོད་རེད།
• མི་དམངས་མང་ཚོགས་ཀྱི་ངོས་ནས། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་དུས་ད་ལྟ་བར་དུ། བོད་མི་དམངས་ཀྱིས་དེ་ལ་འགོག་རྒོལ་བྱེད་པའི་ལས་འགུལ་མཚམས་ཆད་མ་མྱོང་། རྒྱ་ནག་གིས་བོད་ལ་དབང་སྒྱུར་བ་དང་སྡུག་རྩུབ་ཀྱིས་བོད་མིའི་ངོ་བོ་རྩ་བརླག་གཏོང་བའི་སྤྱོད་ངན་ལ། བོད་པ་ཚོས་ཐབས་ལམ་དང་གོ་སྐབས་གང་ཡོད་སྤྱད་དེ་ཁ་གཏད་དང་ངོ་རྒོལ་ལྷོད་མེད་བྱས་དང་བྱེད་བཞིན་པ་རེད།
གནས་སྟངས་ཛ་དྲག་པོ། རྒྱ་དཔོན་ཤི་ཅིན་ཕིང་གིས་འཛིན་པའི་སྲིད་དབང་འོག བོད་མི་རིགས་ཀྱི་གནས་སྟངས་ཇེ་ངན་དང་ཇེ་སྡུག་ཏུ་འགྱུར་གྱིན་པ་རེད།
• གྲོས་མོལ་བསྐྱར་གསོ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་དྲིལ་བསྒྲགས་གང་འདྲ་བྱེད་ཀྱིན་ཡོད་མེད་ལ་མ་ལྟོས་པར། ཨ་མེ་རི་ཀ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དབུ་ཁྲིད་མཁན་ཡིན་པའི་ཆ་ནས། ངེས་པར་དུ་བོད་དང་རྒྱ་ནག་དབར་གྱི་དཀའ་རྙོག་དེ་སེལ་མེད་པའི་དངོས་ཡོད་གནས་སྟངས་དེ་གསུངས་གན